8852

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤུའི་གསུང་རབ་བྷཡེ་བྷལ་བོད་སྐད་དུ་བསྒྱུར་ཚུལ་གྱི་སྐོར
Tibetan Definition ༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ (1838-1855) དགུང་གྲངས་བཅོ་བརྒྱད་ལ་ཕེབས་ཚེ་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ཟླ་བ་དྲུག་ཙམ་གྱི་རྗེས་གློ་བུར་སྙུན་ནད་ཀྱིས་ཤིང་མོ་ཡོས་ཀྱི་ལོ་ (1855 -12-25) མྱ་ངན་ལས་འདས་ཞེས་བོད་ཀྱི་ལོ་རྒྱུས་ཚད་ལྡན་རྣམས་སུ་འབྱུང་ནའང་། (དཀོན་མཆོག་གིས་བོད་སྐད་བཀྱོན་པ) (God Spoke Tibetan) ཞེས་པའི་ལོ་རྒྱུས་ཀྱི་དེབ་རྩོམ་པ་པོ་ Allen Maberly “ཨེ་ལན། མ་བྷར་ལི” ཞེས་པ་Australian “ཨོསི་ཊི་ལི་ཡའི” མི་རིགས་ཡིན་པ་དེས་བརྩམས་པའི་ཧ་ཅང་ཀློག་སྤྲོ་བའི་སྒྲུང་དེབ་ལྟ་བུའི་བདེན་རྫུན་འདྲེས་མའི་དེབ་དེའི་ནང་། Minister of Finance, Tempu Gergan བོད་གཞུང་གི་དཔལ་འབྱོར་བཀའ་བློན་བསྟན་བུ་དགེ་རྒན་ (མིང་གི་དག་ཆ་ལ་དཔྱད) ཞེས་བྱ་བར་༸རྒྱལ་དབང་མཁས་གྲུབ་རྒྱ་མཚོ་སྐུ་བཀྲོངས་པའི་མ་ཉེས་ཁག་གཡོག་ཕོག་སྟེ། གསང་བྲོས་ཀྱིས་ལ་དྭགས་ཀྱི་ཉེ་འདབས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཡིབ་སྡོད་ཀྱིས་གཞིས་ཆགས། དེ་དུས་ཡེ་ཤུའི་ཆོས་སྤེལ་མཁན་འགའ་ཞིག་དང་འཕྲད་དེ། ཡེ་ཤུའི་གསུང་རབ་བྷཡེ་བྷལ་བོད་སྐད་དུ་བསྒྱུར་འགོ་བརྩམས་ཏེ་ལོ་དགུ་བཅུའི་རྗེས་སུ་གཞི་ནས་བོད་སྐད་དུ་བསྒྱུར་ཐུབ་པའི་ལོ་རྒྱུས་འཁོད། སྐབས་དེ་དུས་བསྟན་བུ་དགེ་རྒན་གྱི་བུ་ Yoseb Gergan “ཡོ་སེབ་དགེ་རྒན” སོགས་མཐའ་མཚམས་ཀྱི་བོད་མི་འགའ་ཤས་ཤིག་ཡེ་ཤུའི་ཆོས་ལུགས་སུ་བསྒྱུར་ཐུབ་པ་བྱུང་། ཡོ་སེབ་དགེ་རྒན་ནི་ཡེ་ཤུའི་གསུང་རབ་བོད་སྐད་དུ་སྒྱུར་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་པར་བཤད་ཅིང་། འོན་ཀྱང་བསྟན་བུ་དགེ་རྒན་ཁོ་རང་ཆོས་ལུགས་བློས་བཏང་མ་ཐུབ་པར་ནང་པ་རང་བྱས་ཏེ་ཚེའི་འདུ་བྱེད་རྫོགས་པར་བཤད་དོ། །