From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཡེ་ཤེས་ཆོས་སྐུའི་འཕྲིན་ལས
|
| Tibetan Definition
|
རང་གི་རྒྱུར་གྱུར་པའི་ཡེ་ཤེས་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་དང༌། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་གཉིས་ཡོད། དང་པོ་ནི་གདུལ་བྱའི་རྒྱུད་ཀྱི་དགེ་བ་ལྟ་བུ། གཉིས་པ་ནི་སངས་རྒྱས་འཕགས་པ་རང་རྒྱུད་ཀྱིས་བསྡུས་པའི་དགེ་བ་ལྟ་བུ་ལ་བྱེད། དེ་ལ་རྒྱས་པར་དབྱེ་ན་འཕྲིན་ལས་ཉེར་བདུན་ཡོད། ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
|