8893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོ་ལེ་ཕྱོད་དེ
Tibetan Definition (བློ་སྦྱོང) 1 དྲང་པོ་མི་བྱེད་པར་ཡ་ལེ་ཡོ་ལེའམ། ཡ་སེ་ཡོ་སེ་བྱེད་པའི་བྱེད་དུ་བཤད་དོ། །ཚེ་ཏན་ཞབས་དྲུང་གི་ལམ་རིམ་བརྗེད་བྱང་༼ ཁ ༽༥༥ན༥སོགས་ན་གསལ་ལོ། །རྗེའི་ལམ་རིམ་ཆེན་མོ་ལས། ཁམ་ལུང་པའི་ཞལ་ནས། རང་ཅག་གིས་ཇོ་བོ་སེམས་ཅན་ལ་ཡོ་ལེ་ཕྱོད་དེ་བྱས་པས་སེམས་ཅན་གྱིས་ཀྱང་འོ་ཅག་ལ་དེ་ལྟར་ (བྱེད) འོང་གསུང་ངོ་། །ཞེས་གསུངས། 2 འགྲོ་སྟངས། འདུག་སྟངས། ཚེ་ཏན་ཞབས་དྲུང་རིན་པོ་ཆེས། ཡོ་ལེ་ནི། འགྲོ་ཐབས་འདུག་ཐབས་ཞེས་པའི་བརྡ་རྙིང་སྟེ་ཡོ་ལེ་ཕྱོད་དེ་ཞེས་པའང་མཚོན། ཞེས་གསུངས།