8909

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་དཀར་ཆག
Tibetan Definition རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་ནི། རང་གི་བླ་མ་བློ་བཟང་རྣམ་རྒྱལ་རྣམ་ཐར་ཕྱི་རྣམ་ནང་རྣམ་གཉིས་ལ་ཉེས་བརྒྱ་དང་ཞེ་ལྔ། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་གསོལ་འདེབས་སོགས་ལེ་ཚན་དགུ། སྡོམ་གསུམ་བསླབ་བྱ་དང༌། ཁྱིམ་པ་ལ་གདམས་པ་ལ་དགུ། བསྙེན་གནས་བསླབ་བྱ་དང༌། དགེ་ཚུལ་བསླབ་བྱ་ལ་བཅུ་དྲུག འདུལ་བ་འོད་ལྡན་སྙིང་པོ་ལ་གོ་གསུམ། བཀྲ་ཤིས་བསམ་གཏན་བཀའ་རྟེན་དཀར་ཆག་ལ་རེ་བདུན། ཁྱོན་བཞི་བརྒྱ་དང་ང་བདུན། བློ་སྦྱོང་དོན་བདུན་ཊཱི་ཀ་བརྒྱ་དང་དོན་གཉིས། བློ་སྦྱོང་དོན་བདུན་ཊཱི་ཀ་བསྡུས་པ་ལ་ཞེ་བདུན། ལམ་རིམ་ཚིགས་བཅད་མ་ལ་བཅུ་དགུ། ལམ་གཙོ་ཊཱི་ཀ་ལ་ཞེ་བདུན། དཀོན་མཆོག་རྗེས་དྲན་ཊཱི་ཀ་དྲུག་ཅུ་རེ་གཅིག །ལྟ་ཁྲིད་ལ་བཅུ་བདུན། བདེན་བཞི་ཊཱི་ཀ་ལ་དྲུག་རྟེན་འབྲེལ་ལ་ལྔ། སེམས་སེམས་བྱུང་རྩ་བ་འགྲེལ་པ་གཉིས་ལ་དྲུག་ཅུ་རེ་གཉིས། སྐྱབས་འགྲོ་ལ་བཅུ་བདུན། སྦྱོར་བའི་ཆོས་དྲུག །མཎྜལ་སེམས་བསྐྱེད། ཁྱོན་བཞི་བརྒྱ་དང་ང་གཅིག །དགའ་ལྡན་ལྷ་བརྒྱའི་ཁྲིད་ཡིག་ལ་བཅུ་གསུམ། སྙན་བརྒྱུད་ལྟ་ཁྲིད་ཉེར་ཁྲིད། བླ་མཆོད་ཁྲིད་གཏེར་གྱི་ཁ་བྱང་དང་ཡང་གཉིས་པ། ལམ་རིམ་སྔོན་འགྲོ་དགོངས་རྒྱན། བློ་སྦྱོང་སྔོན་འགྲོ་རབ་གསལ། བློ་སྦྱོང་རྩ་ཚིག་དོན་བདུན་ཅུའི་སྨོན་ལམ། འདུལ་བའི་སྡོམ་ཚིག་སྡོམ་གསུམ་རིན་ཆེན་ཕྲེང་བ། གཞི་གསུམ་གསལ་བྱེད་ལ་བརྒྱད་ཅུ་བརྒྱ་བཞི། རྣམ་འགྲེལ་རིགས་རྒྱན་མཆོད་བརྗོད་ཊཱི་ཀ་བརྒྱ་དང་བདུན། སྨོན་ཚིག་བྱང་ཆོག་ཁུངས་གསལ། འཇིགས་བྱེད་སྦྱང་ཆོག །བདེ་མཆོག་སྦྱིན་སྲིག་ལ་སོ་བཞི། དུག་གསུམ་མུན་སེལ་ལ་བཅུ་བཞི་བཅས་ཁྱོན་སྡོམ་བཞི་བརྒྱ་དང་རེ་བདུན། ཐིག་ལེ་བཅུ་དྲུག་ཊཱི་ཀ་ལ་བརྒྱད། འདུལ་བ་རྒྱ་མཚོ་ཊཱི་ཀ་ལ་བརྒྱ་དང་གྱ་བཞི། ཕྱག་ཆེན་ཁྲིད་ཡིག་དང་སྨོན་ཚིག་བཅས་ལ་བརྒྱ་དང་ཉེར་བཞི། གདུགས་དཀར་སྒྲུབ་ཐབས་སོགས་ལེ་ཚན་དུ་མ་ལ་ང་དགུ། ཁྱོན་སྡོམ་བཞི་བརྒྱ་དང་དྲུག་བཅུ་རེ་བཞི། བླ་མཆོད་ཁྲིད་སྙན་བརྒྱུད། བླ་མའི་རྣལ་འབྱོར་སྙན་བརྒྱུད། ཕྱག་ཆེན་བསྡུས་དོན་སྙན་བརྒྱུད། བདེ་ཆེན་མགོན་པོ་ལྷ་མཆོད་ཟུང་འཇུག་ཉེ་ལམ། མདོ་སྔགས་གནད་གསེར་ཞུན། ལྟ་བའི་ཡིག་ཆུང༌། ལྷ་བརྒྱའི་ཞལ་ལུང༌། དཀའ་གནད་དོགས་གཅོད་ཟབ་དོན་སྣང་བ། གསང་འདུས་ཁྲིད་ཡིག་དེ་ཡི་བསྐྱེད་རིམ་ལ་རེ་བརྒྱད། དེ་ཡི་བསྙེན་ཡིག་གཅོད་ཐར་འདོད་དེད་དཔོན་ཊཱི་ཀ། དེ་ཡི་སྙིང་པོ་བསྡུས་པ་བཅས་ལ་སོ་བདུན། ཁྱོན་བསྡོམས་བཞི་བརྒྱ་ཞེ་དགུ། བླ་བརྒྱུད་གསོལ་འདེབས་ལེ་ཚན་དུ་མ། སྙིང་པོ་དོན་གསུམ་ཁྲིད། དེ་ཡི་གནད་བསྡུས། ཚེམ་བུ་དམར་ཁྲིད་མཁའ་འགྲོའི་ཞལ་ལུང༌། ཀླུ་ཡི་བུམ་གཏེར། གཏོར་མ་བརྒྱ་རྩ་བསྡུས་པ། ཆོས་སྐྱོང་གཏོར་འབུལ་སྣ་ཚོགས། བསངས་ཀྱི་ཆོ་ག་ཕུག་པོ་ཆེའི་དཀར་ཆག་བྲག་རྒྱབ་གནས་བསྟོད་སོགས་དུ་མ། བསླབ་བྱ་ཞལ་གདམས། དྲིས་ལན་ཚ་གདུང་ཟླ་ཤེལ། བླ་མའི་བསྟོད་ཚོགས་འདོད་གསོལ་སྨོན་ལམ་བཅས་དོན་བདུན། ཁྱོན་སུམ་བརྒྱ་དང་ཉེར་ལྔ། བླ་བརྒྱུད་གསལ་བྱེད་སྨྱུང་གནས་ཊཱིཀ་ཆེན་ལ་སུམ་བརྒྱ་དང་བཅུ་བཞི། སྐྱེས་རབས་སོ་བཞི་པའི་རྣམ་བཤད་གླེགས་བམ་དང་པོ་བཞི་བརྒྱ་དང་གཉིས། སྐྱེས་རབས་ཊཱིཀ་ཆེན་གླེགས་བམ་གཉིས་པ་ལ་སུམ་བརྒྱ་ང་བཞི། སྐྱེས་རབས་ཊཱིཀ་ཆེན་གླེགས་བམ་གསུམ་ལ་པ་བཞི་བརྒྱ་དང་ལྔ། ཁྱོན་བསྡོམས་གླེགས་བམ་བཅུ་གཉིས། ཕྱག་ཆེན་ཁྲིད་ཐོབ། དཔེ་ཆའི་ལུང་མ་ཐོབ། བླ་མ་ཡེ་ཤེས་རྒྱན་མཚན་གསུང་འབུམ། དཀོན་མཆོག་རྗེས་དྲན་གྱི་ཊཱི་ཀ། སེམས་བྱུང་རྩ་འགྲེལ། གཞི་གསུམ་གསལ་བྱེད། འོད་ལྡན་སྙིང་པོ། སྨྱུང་གནས་ཊཱིཀ་ཆེན། བློ་སྦྱོང་ཊཱིཀ་ཆེན། ཕྱག་ཆེན་ཊཱིཀ་ཆེན། གཅོད་ཊཱིཀ། ལམ་གཙོའི་ཊཱི་ཀ་རྣམས་ཕན་ཆེ་བཅས་སོ། །