8923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་གནས
Tibetan Definition <དཀྵིཎྱ> མཆོད་ཡུལ། མཆོད་གནས། སྦྱིན་འོས། ཡོན་ཏན་དང་ལྡན་པ། ལེགས་སྦྱར་དུ་འདི་ལ་དཀྵིཎྱ་ཟེར། སྤྱོད་འཇུག་ཆེན་མོ་ལས། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཡོན་ནི་མཆོད་པ་དང་གནས་ནི་ཡུལ་ལོ། །སྤྱོད་འཇུག་ལས། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོས་བདག་གི་འདི་དག་བཞེས། །ཞེས་གསུངས་པ་ལྟར་རོ། །