8929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན
Tibetan Definition 4 ཕན་ཡོན། དཔེར་ན་བྱམས་པ་བསྒོམ་པའི་ཕན་ཡོན་བརྒྱད་ལ། བྱམས་པའི་ཡོན་ཏན་བརྒྱད་ཅེས་བརྗོད་པ་བཞིན་ནོ། །རིན་ཆེན་ཕྲེང་བ་ལས། ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས་པ་ལྟར་རོ། །བྲ་སྟི་སུམ་འགྲེལ་ལས་ཀྱང་། ཡོན་ཏན་ཞེས་བྱ་བ་ནི། ཕན་ཡོན་ནམ་འབྲས་བུའི་ཁྱད་པར་ལེགས་པའི་དོན་ཏེ། རྒྱུ་ཁྱད་པར་བ་ལས་བྱུང་བའི་འབྲས་བུའོ། །ཞེས་གསུངས་སོ། །