8965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་གི་ལུས་ལ་དཔེ་ལོང་ལ་ཞེས་སོགས
Tibetan Definition རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །མཚོན་ཆས་མི་འཇིགས་སུ་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །ཞེས་པའི་ཚིགས་བཅད་འདི་ཆ་གསུམ་ཆོ་གའི་ནང་ཡང་ཡོད་ལ། སྤྱིར་བཏང་འདི་འཇིག་རྟེན་གྱི་གཏམ་དཔེའམ་ཁ་ངག་ཡིན་པར། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༢༩༡ན་གསལ་ལོ། །འདི་ལ་ལོ་རྒྱུས་དགོད་བྲོ་པོ་ཞིག་ཀྱང་བཤད་སྒྲོས་ཡོད་པ་འདི་ལྟར། སྔོན་བོད་ལ་ཁང་ཚན་དགེ་རྒན་ཞིག་གིས་ཚོམས་ཇ་ལ་ཚོགས་གཏམ་གཏོང་སྐབས། ཁོས། ཆ་གསུམ་ལས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་སོགས་ལུང་དྲངས་པར། གྲྭ་པ་ཚང་མ་གད་མོ་དབང་མེད་དུ་ཤོར་དགོས་པ་བཟོས་སོ། །གཞན་དག་ཡིན་ན་མདོ་དང་བསྟན་བཅོས་ཀྱི་ལུང་འདྲེན་པར་བྱེད་ལ། ཁོས་དེ་ལས་ལྡོག་སྟེ་ཆོ་ག་གཏོང་རྒྱུའི་གཞུང་ཆུང་ཆུང་ཞིག་ནས་ལུང་འདྲེན་བྱས་པར་སོང་ཙང༌། དགེ་འདུན་པ་རྣམས་བཞད་མོ་ཤོར་བ་རེད།