897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་ཆོས
Tibetan Definition གཏེར་མ་ནི། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཞིག་གིས་མ་འོངས་པའི་གདུལ་བྱའི་དོན་དུ་མཆོག་ཐུན་འགྲུབ་པའི་གདམས་པ་མང་པོ་གཏེར་དུ་སྦས་ཏེ་ཆུད་མི་ཟ་བར་བྱིན་གྱིས་བརླབས་ཤིང་གཏེར་སྲུང་ལ་གཉེར་དུ་གཏད། སྐལ་ལྡན་ལས་འཕྲོ་དང་འཕྲད་པའི་སྨོན་ལམ་བཏབ། དུས་ནམ་གྱི་ཚེ་འདོན་པ་དང་དེར་འདོན་རན་པའི་ལྟས་མཚན་འབྱུང་ཚུལ། གཏེར་སྟོན་གང་གིས་འདོན་པ་དང་དེའི་མིང་རུས་མཚན་རྟགས་དང་བཅས་པ་གཏེར་གྱི་ཁ་བྱང་དུ་བཏབ། ནམ་ཞིག་གནས་དུས་གང་ཟག་ཐམས་ཅད་འཛོམས་པ་ན་གཏེར་དེ་བཏོན་ནས་སྐལ་ལྡན་མང་པོ་ལ་སྤེལ་བས་གཏེར་ཆོས་ཞེས་གྲགས་སོ། །སྤྱིར་གཏེར་ཆོས་རྒྱ་གར་དུའང་བྱུང་ཞིང༌། བོད་ཀྱི་གྲུབ་མཐའ་གཞན་ལའང་ཡོད། གཏེར་སྟོན་ཚད་ལྡན་གཙོ་ཆེར་ཐང་ཡིག་ནས་ལུང་བསྟན་པའི་སངས་རྒྱས་བླ་མ་ནས་བཟུང༌། བདེ་ཆེན་གླིང་པའི་བར་དང༌། ལུང་གིས་དངོས་སུ་མ་ཟིན་པའི་རྩོད་མེད་ཀྱི་གཏེར་སྟོན་ཡང་མང་ཙམ་བྱུང་བ། ཕྱིས་སུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བརྩམས། དེ་དག་ནི་ཆོས་དང་གང་ཟག་གཉིས་ཀ་རྣམ་པར་དག་པའོ་ཞེས་ཆེན་པོ་རྣམས་གསུངས་སོ། །ཞེས་མཁས་པ་རྣམས་གསུང་ངོ༌། །