8981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་ཁྱད་པར་གསུམ་ལྡན
Tibetan Definition (དབུ་མ) ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ། གནས་སྐབས་གཞན་དུ་མི་འགྱུར་བ། རྣམ་འཇོག་གཞན་ལ་མི་ལྟོས་པ་དང་གསུམ་མོ། །འདི་དགག་བྱ་ངོས་འཛིན་ཁྱབ་ཆུངས་པའི་དགག་ཚད་ཅིག་ཡིན། སྒྲ་བཤད་ནི། རང་བཞིན་ཁྱད་པར་གསུམ་ལྡན་ཞེས་པ་ནི། རང་བཞིན་གྱིས་གྲུབ་ན་དེ་ལྟ་བུའི་ཁྱད་པར་གསུམ་ལྡན་ཡིན་དགོས་སོ་ཞེས་པའི་དོན་ནོ། །དེ་ལ་རང་བཞིན་ནམ་དགག་བྱ་ཁྱད་པར་གསུམ་ལྡན་ཞེས་ཀྱང་བྱ་རུང༌། འདིའི་སྐོར་ལམ་རིམ་ཆེན་མོ་དང་ལེགས་བཤད་སྙིང་པོ་དང་མཁས་གྲུབ་ཆོས་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་༦༦བ༤སོགས་སུ་གཟིགས། རང་བཞིན་ཁྱད་པར་གསུམ་ལྡན་ཞེས་པའི་རང་བཞིན་གྱི་དོན་ལ་གུང་ཐང་རིན་པོ་ཆེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༥༣ལ་གཟིགས་ཏེ་ཞིབ་ཏུ་ད་དུང་ཡང་དཔྱད་པར་བྱའོ། །