8986

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་བཞིན་གྱི་གནས
Tibetan Definition རང་བཞིན་ནི་དང་པོའམ་གདོད་མའི་དོན་ཡིན་ལ། རང་བཞིན་གྱི་གནས་ནི་དང་པོ་གང་དུ་སངས་རྒྱས་པའི་ལོངས་སྐུའི་གནས་ལ་བྱེད་པ་དང༌། གདོད་ནས་རང་བཞིན་གྱིས་དག་པའི་ཆོས་སྐུ་ལ་བྱེད་པ་གཉིས་ཡོད། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༨ན༤ལས། གང་ནས་སྤྱན་འདྲེན་པའི་རང་བཞིན་གྱི་གནས་ཞེས་པ་ནི། མངོན་བརྗོད་ལས། སྔོན་གྲུབ་པ་ནི་བསྐུལ་ནས་ནི། །ཞེས་གསུངས་པ་ལྟར་ན། དང་པོ་གང་དུ་སངས་རྒྱས་པའི་གནས་ཀྱི་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བྱ་ཞིང་། རང་བཞིན་ཞེས་པ་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ལ་བྱས་ནས། དེའི་ངང་ལས་བཞེངས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་ལའང་རང་བཞིན་གྱི་གནས་ནས་སྤྱན་འདྲེན་པར་འཆད་པ་ཡོད་ལ། ཞེས་གསུངས་སོ། །