9

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ༀ་ཨཱཿཧཱུྃ
Tibetan Definition (ལེགས་སྦྱར) རྡོ་རྗེ་གསུམ་ཏེ། རྒྱལ་བའི་སྐུ་གསུང་ཐུགས་གསུམ་མཚོན་བྱེད་ཀྱི་ས་བོན་ཏེ། སྤྱི་བོར་ༀ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ་གི་ས་བོན་བཀོད་པའི་རྒྱུ་མཚན་ཡང་དེ་ཡིན། གཞན་ཡང༌། ཞལ་ཐང་གི་སྐུ་རྒྱབ་ཏུ་ༀ་ཨཱཿཧཱུྃ་འབྲི་སྲོལ་ཡོད་པའང་སྐུ་གསུང་ཐུགས་ཀྱི་མཚོན་དོན་ཡིན་ལ། སྐུ་རྒྱབ་ཀྱི་ༀ་ལྷ་སྐུའི་དབུའི་ཐད་དང༌། ཨཱཿམགྲིན་པའི་ཐད་དང༌། ཧཱུྃ་ཐུགས་ཀྱི་ཐད་དུ་འཁེལ་བ་འབྲི་དགོས་སོ། །མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༥བ༥ལས། མེ་ཏོག་སོགས་རང་རང་གི་མིང་སྔགས་ཡི་གེ་དང་སྤེལ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་ཡི་གེ་གསུམ་དང་སྤེལ་བ་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཆེད་དུ་ཡིན་ལ། པྲ་ཏཱིཙྪ་སོགས་ནི་འབུལ་བའི་སྔགས་ཡིན་པས་བྱིན་གྱིས་རློབ་པའི་ཚེ་བྱེད་པ་མིན་ནོ། །ཞེས་གསུངས་སོ། །