901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏོང་ལེན
Tibetan Definition རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཞན་ལ་གཏོང་བ་དང༌། གཞན་གྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རང་ཐོག་ཏུ་ལེན་པའི་ཐེག་པ་ཆེན་པོའི་བློ་སྦྱོང་གི་ཉམས་ལེན་ཞིག དེ་ཡང་གཏོང་བའི་ཉམས་ལེན་གྱིས་གཙོ་བོར་བྱམས་པའི་ནུས་པ་གོང་འཕེལ་དུ་བྱེད་པ་དང༌། ལེན་པའི་ཉམས་ལེན་གྱིས་སྙིང་རྗེ་གོང་ནས་གོང་དུ་འགྱུར་བར་བྱེད་དོ། །འདིའི་ཁུངས་ནི། སྤྱོད་འཇུག་ཆེན་མོ་ལས། དེ་ལྟར་བདག་གནོད་ཞི་བ་དང༌། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་གཏང་བྱ་དང༌། །གཞན་རྣམས་བདག་བཞིན་གཟུང་བར་བྱ། །ཞེས་གསུངས་པ་འདིའོ། །གཏོང་ལེན་བསྒོམ་ཚུལ། གཏོང་ལེན་རླུང་ལ་བསྐྱོན་པ་ཞེས་པའི་ཐད་དུ་གཟིགས།