9018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྒྱུད་པའི་ལུགས་ཀྱི་དགག་བྱའི་ཚད
Tibetan Definition (དབུ་མ) བློའི་དབང་གིས་བཞག་པ་མིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པ་དེ། རང་རྒྱུད་པའི་ལུགས་ཀྱི་དགག་བྱའི་ཚད་ཡིན་ནོ། །སྟོང་ཐུན་སྐལ་བཟང་མིག་འབྱེད་༧༥བ༣ལས། བློའི་དབང་གིས་བཞག་པ་མིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པ་ནི་རྟགས་ཀྱི་དགག་བྱ་མཐར་ཐུག་པའོ། །ཞེས་དང་། ༧༤བ༥ལས་ཀྱང་། སྒྱུ་མའི་ལྟད་མོ་བ་མིག་བསླད་པ་བཞིན་དུ་ཐ་མལ་གྱི་སེམས་ཅན་རང་ག་བ་རྣམས་ལ་ཆོས་འདི་ཡོད་པར་སྣང་བ་ན། བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པར་ཆོས་དེ་རྣམས་རང་གི་སྡོད་ལུགས་སུ་ཡོད་པར་འཛིན་པ་ནི་ཐོག་མ་མེད་པ་ནས་ཞུགས་པའི་བདེན་འཛིན་ལྷན་སྐྱེས་ཞེས་བྱ་ལ། འོན་ཀྱང་རང་རྒྱུད་པས་འདི་ལྟར་བཟག་པ་ཡང་ཐལ་འགྱུར་བའི་དགག་བྱ་འཛིན་པའི་བློ་ལ་ལྟོས་ན་ཤིན་ཏུ་རགས་པས། ཕྲ་བའི་བདེན་འཛིན་ནི་མིན་ནོ། །ཞེས་གསུངས་སོ། །