9024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་སངས་རྒྱས
Tibetan Definition <པྲ་ཏྱེ་བུདྡྷ> སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རང་ཉིད་གཅིག་པུའི་ཕྱིར་དགྲ་བཅོམ་ཐོབ་པའམ་འཐོབ་པར་བྱེད་པའི་གང་ཟག པྲ་ཏྱེ་བུདྡྷ་ཞེས་པའི་ངེས་ཚིག་ནི། པྲ་ཏི་རྐྱེན། ཨེ་ཀ་གཅིག བུདྡྷ་རྟོགས་པ་ལ་བྱས་ཏེ། དུར་ཁྲོད་ཀྱི་རུས་གོང་ལྟ་བུ་ལ་དམིགས་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་སོགས་ཀྱིས་རྐྱེན་རྣམས་རྟོགས་པས་ན་རྐྱེན་རྟོགས་ཞེས་ཀྱང་གསུངས་ཏེ། ཞེས་རྗེ་གུང་ཐང་པ་གསུང༌། རང་སངས་རྒྱས་དུས་ནམ་གྱི་ཚེ་འབྱུང་བ་ནི། དབུ་མ་རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན།། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སློབ་དཔོན་གྱི་ལུང་ལ་མ་བརྟེན་པར་རང་ཉིད་གཅིག་པུར་ཕྱིར་སངས་རྒྱས་ཞེས་བྱ། རང་སངས་རྒྱས། དེ་ཉིད་རྟོགས་འབྲིང༌། རྐྱེན་རྟོགས་རྣམས་མིང་གི་རྣམ་གྲངས་ཡིན།