9033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རངས་པ
Tibetan Definition 1 (བྱ་ཚིག) རང་བའི་འདས་པ། ཧ་ཅང་དགའ་བའི་དོན། སྒྲ་བཤད་ནི། སེམས་ལ་དགའ་བ་སྐྱེས་པ་ན་ལུས་ཀྱི་བ་སྤུ་རངས་པ་སྟེ་ལང་བས་ན་དེ་སྐད་ཅེས་བྱའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རངས་པ་ཞེས་བྱ་བ་ནི་སྤུ་གྱེན་དུ་འགྲེང་བའོ། །ཞེས་གསུངས་སོ། ། འདུལ་བ་ལུང་གཞི་ལས་ཀྱང་། དེས་རྒྱལ་པོ་རྡུལ་ཕྲན་ཡི་རངས་པར་གྱུར་ཏོ། །ཞེས་གསུངས་སོ། །རངས་པ་དང་། རང་བ། རེངས་པ། (སྤྱིར་བཏང་རེངས་ཞེས་པ་མཁྲེགས་པོར་གྱུར་པའི་དོན་ཡིན་ཀྱང་། ཤར་བ་དང་ལངས་པ་ལའང་འཇུག་སྟེ། སྐྱ་གདངས་ལངས་པའམ་ཤར་བ་ལ། སྐྱ་རེངས་་ཞེས་པ་ལྟ་བུ) རེང་བ། ལང་བ། ལངས་པ། ལྡང་བ། ལྡངས་པ། འགྲེང་བ། འགྲེངས་པ་རྣམས་འདིར་དོན་འདྲ། ཡི་རང་དང་ཡི་རངས། རྗེས་སུ་ཡི་རང་དང་རྗེས་སུ་ཡི་རངས་སོགས་ཀྱི་རང་དང་རངས་ཡང་གོང་དུ་བཤད་པ་དང་དོན་འདྲའོ། །