9034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རངས་པ
Tibetan Definition 2 (མིང་ཚིག) དགའ་བའི་མིང་ཙམ། དཔེར་ན་རངས་པ་སྐྱེའོ་ཞེས་པ་ལྟ་བུ། འདུལ་བ་ལུང་གཞི་ལས། དགའ་བ་དང༌། མགུ་བ་དང༌། རབ་ཏུ་དགའ་བ་དང༌། རངས་པ་རྒྱ་ཆེན་པོ་དང༌། ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །ཞེས་པ་ལྟ་བུའོ། །རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། སློབ་དཔོན་རྣམས་ལ་ཞེ་ས་དང་རིམ་གྲོ་བསྐྱེད་དེ་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤོང་བར་འགྱུར་སྙམ་སྟེ་དགའ་བ་དང་རངས་པ་འཐོབ་ཅིང་དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་སོ། །