9037

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རཏྣ་དྷྲིཀ
Tibetan Definition (ལེགས་སྦྱར) རིན་ཆེན་འཆང་སྟེ། རིན་འབྱུང་ངོ༌། །སྒྲ་བཤད་ནི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་ཕྱག་མཚན་དུ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ། དྲང་དོན་ནོ། །ཡང་དག་པའི་མཐའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ། ངེས་དོན་ནོ། །རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།