9046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་བྱུང་བ
Tibetan Definition (འདུལ་བ) 1 (མིང་ཚིག) གྲྭ་བཙུན་སྤྱིའི་མིང༌། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་པ་ལྟ་བུ། སྒྲ་བཤད་ནི། རབ་ཏུ་བྱུང་བ་ནི་ལེགས་པར་སོང་བ་ཞེས་པའི་དོན་ཏེ། ཁྱིམ་ནས་ཁྱིམ་མེད་པའི་གནས་ནགས་ཚལ་དང་དབེན་པ་དག་ཏུ་རབ་ཏུ་སྟེ་ལེགས་པར་སོང་བས་ན་དེ་སྐད་ཅེས་བྱ་སྟེ། ཐོས་པའི་ཚོམས་དེབ་གཟུགས་༡༠༩ལས། ལེགས་པར་ཐོས་དང་ལེགས་སྤྱོད་དང༌། །ཁྱིམ་ནས་ལེགས་པར་བྱུང་བ་དང༌། །སྤོང་བར་བྱེད་པས་རབ་བསྐོར་ཞིང༌། །དགེ་སྦྱོང་གི་ནི་རྗེས་མཐུན་ལེགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བྱུང་བའི་སྒྲ་སོང་བ་དང་འབྱུང་བའི་འགྲོ་བ་ལ་འཇུག་སྟེ། ཞིབ་པ་འབྱུང་བ་ཞེས་པའི་ཐད་དུ་གཟིགས། བོད་རྒྱ་ཚིག་མཛོད་ཆེན་མོར། གྲྭ་པ་སྤྱིའི་མིང་། ཞེས་འཁོད་པར། གྲྭ་བཙུན་སྤྱིའི་མིང་། ཞེས་བཙུན་མ་བསྣོན་དགོས། དགའ་བོ་རབ་ཏུ་བྱུང་བའི་མདོར། གཅུང་དགའ་བོས། བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བ་ཞེས་པའི་ཚིག་གི་དོན་གང་ཡིན་ནམ་ཞེས་པའི་དྲིས་པའི་ལན་རྣམས། དགེ་སྡེ་སྤར་མ་མདོ་༼ ས་པ ༽༢༥༥ན༡ན་བཞུགས་སོ། །2 (བྱ་ཚིག) གྲྭ་པ་བཟོས་པའི་དོན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་པ་ལྟ་བུ།