9048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་བྱུང་བའི་རྟགས
Tibetan Definition (འདུལ་བ) ཕྱིའི་རྟགས་ཀྱི་སྒོ་ནས་རབ་བྱུང་ཡིན་མིན་གྱི་འབྱེད་ཆོས་ཤིག་སྟེ། གོས་ངུར་སྨྲིག་གྱོན་པ་དང༌། སྐྲ་དང་ཁ་སྤུ་རིང་པོར་མི་འཇོག་པ་སོགས་སོ། །དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༦༨༤ལས། དགེ་སློང་གི་སྣམ་སྦྱར་དང་བཅས་པའི་ཆོས་གོས་གསུམ་མམ་རབ་བྱུང་སྡེ་ལྔ་ཐུན་མོང་གི་བློ་གོས་མཐང་གོས་གདིང་བ་སྟེ་ཆོས་གོས་གསུམ་ནི་ཕྱིའི་རྟགས་ཀྱི་སྒོ་ནས་རབ་བྱུང་ཡིན་མིན་གྱི་འབྱེད་ཆོས་ཡིན་པས། ཞེས་གསུངས་པ་ལྟར་རོ། །