9061

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་རིབ
Tibetan Definition 1 ལིང་ཏོག་སྟེ་མིག་ནད་ཅིག བར་སྣང་སྟོང་པ་ལས་སྐྲ་ཤད་འཛག་པ་དང་། ཟླ་བ་གཅིག་ལ་གཉིས་སུ་སྣང་བ་སོགས་ཀྱི་འཁྲུལ་བ་སྐྱེད་བྱེད་ཅིག དབུ་ལ་འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། ཞེས་དང་། རྗེའི་དགོངས་པ་རབ་གསལ་ལས། སོ་སོ་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱི་ལིང་ཏོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱིས་བརྫུན་པ་མཐོང་བའི་སྟོབས་ལས་བདག་གི་ངོ་བོ་ཡོད་པ་རྙེད་པ་ཡིན་ཏེ། བྱིས་པ་རྣམས་ཀྱི་མཐོང་བའི་ཡུལ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་དེ་བཞིན་དུ་རང་གི་ངོ་བོ་ཡོད་པ་ནི་མིན་ཏེ་ངོ་བོ་གཉིས་ཀྱི་གཅིག་ཡིན་ནོ། །ཞེས་དང་། མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། རབ་རིབ་སོགས་ཀྱིས་བདག་རྐྱེན་དབང་པོ་བསླད་པ་ལས་བྱུང་བ་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །ཞེས་གསུངས་སོ། །