9065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་རིབ
Tibetan Definition 5 མི་ཤེས་པ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། རབ་རིབ་ནི་མི་ཤེས་པ་སྟེ་རབ་རིབ་དེ་དང་བྲལ་བ་ནི་ཡེ་ཤེས་སོ། །ཞེས་དང་། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས་ཀྱང་། རབ་རིབ་ནི་མི་ཤེས་པའོ། །དེ་ལས་བཟློག་པ་ནི་རབ་རིབ་དང་བྲལ་བ་སྟེ། ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བློའི་རབ་རིབ་སེལ་བ་སྟེ། བློ་ནི་ཤེས་རབ་ཡིན་ལ། དེའི་རབ་རིབ་ནི་མི་ཤེས་པ་ཡིན་ཏེ། དེ་འཇོམས་པར་བྱེད་ཅིང་འཇིག་པར་བྱེད་པའི་ཕྱིར་རབ་རིབ་སེལ་བའོ། །ཞེས་གསུངས་སོ། །སློབ་སྤྲིངས་ལས་ཀྱང་། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞི་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་གསུངས་སོ། །