9081

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རལ་གྲིའི་ཐབས
Tibetan Definition སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཡ་གྱལ་ཞིག་སྟེ། རལ་གྲི་གཟུང་སྟངས་ཤེས་པ་ཞེས་པའི་དོན་ཡིན། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རལ་གྲིའི་ཐབས་ཞེས་བྱ་བ་ནི་རལ་གྲིའི་གཟུང་བ་ཤེས་པའོ། །ཞེས་དང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། རལ་གྲིའི་ཐབས་ནི་རལ་གྲི་ལ་སོགས་པའི་འཛིན་སྟངས་ཏེ། དེ་ལ་མཁས་པ་ཉིད་ནི་འཛིན་སྟངས་ཤེས་པའོ། །ཞེས་གསུངས་པ་ལྟར་རོ། །རལ་གྲིའི་ཐབས་ཞེས་པའི་ཐབས་ནི། ཐབས་ཤེས་ཀྱི་ཐབས་ལ་མི་གོ་བར། སྟབས་སམ་སྟངས་ལ་གོ་དགོས། དཔེར་ན་རལ་གྲི་ལག་པས་འཛིན་སྟངས་ལ་རལ་གྲིའི་ཐབས་སམ། རལ་གྲིའི་སྟབས་ཞེས་པ་ལྟ་བུའོ། །དེ་བཞིན་དུ་གོམ་པ་རྒྱག་སྟངས་ལ་གོམ་སྟབས་ཟེར་བ་ལྟ་བུ་དང་། ཤིང་རྟ་བཞོན་སྟངས་ལ། ཤིང་རྟའི་ཐབས་ཞེས་པ་ལྟ་བུས་མཚོན་ནས་གཞན་ལའང་རིགས་འགྲེ་བར་བྱའོ། །