91

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཱ་དམྤ
Tibetan Definition (ལེགས་སྦྱར) 1 ཆུ་སྐྱར། ཡོངས་གྲགས་སུ་ངང་པ་ཟེར་བའི་སྐེ་དང་རྐང་པ་ཐུང་བའི་ཆུ་བྱ་དེའི་མིང་། དབྱིན་སྐད་དུ duck ཟེར་བ་དེའོ། །བོད་སྐད་དུ་བསྒྱུར་ན། ཆུ་སྐྱར་ཞེས་བྱ། ༧རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་མཁས་པ་མང་པོས་མཐིང་རིལ་གྱི་མིང་དུ་བཤད། མཐིང་རིལ་ལ་གཟིགས། ལེགས་སྦྱར་དུ་ཀལ་ཧཾས་कलहंसःདང་། ཀཱདམྤ་कादंबःཟེར། དེང་སང་གསར་དུ་བསྒྲིགས་པའི་རི་མོ་ཅན་གྱི་ཚིག་མཛོད་ཅིག་ནང་། ཆུ་སྐྱར་ཞེས་པ་ཆུ་བྱ་“སཱིགྷལ” seagull ཞེས་པ་དེའི་མིང་དུ་བྱས་པ་ནི་ལེགས་པར་མ་མཐོང་སྟེ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས། ཀཱདམྤ་དང་། ཀལ་ཧཾས་ནི་ཆུ་སྐྱར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། ། Apte English Sanskrit dictionary ཞེས་པའི་དབྱིན་སཾ་ཤན་སྦྱར་གྱི་ཚིག་མཛོད་ནང་། ཀལ་ཧཾས་कलहंसःདང་། ཀཱདམྤ་कादंबःགཉིས་duck ངང་པའི་མིང་དུ་བཤད་དོ། ། 2 ཤིང་ཚོགས་ཅན།