From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རི་བོ་འབིགས་བྱེད
|
| Tibetan Definition
|
1 སངས་རྒྱས་ཀྱི་ལུང་གིས་ཟིན་པའི་རི་བོ་འབིགས་བྱེད། རི་ནག་པོ་འབིགས་བྱེད། འབིགས་བྱེད་ཅེས་ཀྱང་བྱ། ཀཽ་ཤམྦྷི་ནས་ལྷོ་ཕྱོགས་སུ་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང༌། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གསུང༌། རྒྱ་གར་བས་བིནྡྷྱ་ཅལ་ཟེར་གྱི་ཡོད་འདུག གཏམ་རྒྱུད་གསེར་གྱི་ཐང་མ་ན་གསལ། ཀཽ་ཤམྦྷི་ནས་ལ་གཟིགས། ཡང་ན་ཡོངས་གྲགས་སུ་བྲག་དམར་སྤོ་མཐོ་ཞེས་བྱ་བ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། འཕགས་བོད་གཉིས་ཀྱི་སོ་མཚམས། སྔོན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་སྒྲུབ་པ་མཛད་པའི་གནས་རི་རྩ་ཆེན་ཞིག་སྟེ། སྤང་གི་དབུས་སུ་བྲག་རི་རྩེ་མོ་རྣོ་ལ་དཔངས་མཐོ་བ། མཐའ་ཆུ་ཡིས་བསྐོར་ལ། སྨན་གྱི་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་པ། གྲུབ་ཐོབ་དང་རྣལ་འབྱོར་པ་རྣམས་ཀྱི་བསྟི་གནས་ཤིག་གོ། སྒྲ་བཤད་ནི། རྩེ་མོ་རྣོ་བས་འབིགས་བྱེད་ཅེས་བཏགས་པར་སེམས་སོ། །འདི་སྐོར་རྗེ་མི་ལའི་རྣམ་མགུར་ཤོག་གྲངས་༤༡༦ནས་༤༢༠ན་གསལ། སྒྲོལ་བསྟོད་ལས། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པའི། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་གསུངས་པའི་འབིགས་བྱེད་ཀྱང་རི་ནག་པོ་འབིགས་བྱེད་འདི་རང་ལ་ཟེར་བ་ཡིན། དངུལ་ཆུའི་སྒྲོལ་བསྟོད་ཀྱི་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསལ།
|