9142

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོང་རྡུལ
Tibetan Definition (མཛོད) ཆུ་རྡུལ་བདུན་ལ་རི་བོང་རྡུལ་གཅིག་ཟེར། འདི་ལ་རྡུལ་ཕྲ་རབ་༢,༤༠༡ཡོད། རི་བོང་གི་རྡུལ་ཟེར་བའི་རྒྱུ་མཚན་ནི། འགའ་ཞིག་གིས། རི་བོང་གི་སྤུའི་རྩེ་མོས་བླངས་པའི་རྡུལ་ཟེར་བ་དང་། འགའ་ཞིག་གིས། རི་བོང་གི་སྤུ་རྩེ་མོ་རང་ལ་གོ་བ་ལྟ་བུ་མིན་པར། རི་བོང་གི་སྤུའི་སྦོམ་ཚད་ལ་གོ་དགོས་པ་ཡིན་ནོ། །དཔེར་ན་རི་བོང་ལས། ལུག་གི་སྤུ་སྦོམ། དེ་བས་བ་ལང་གི་སྤུ་སྦོམ་པ་ལྟ་བུའོ། །