From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རི་མོར་བྱས
|
| Tibetan Definition
|
(འདུལ་བ) 1 ལྷག་པར་གུས་པ། སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གནས་སུ་བཞག་པ་བཅས་ལ་ཟེར། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། རི་མོར་བགྱི་ཞེས་བྱ་བ་ནི་ལྷག་པར་གུས་པའོ། །ཞེས་གསུངས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རི་མོར་བྱས་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གནས་སུ་གཞག་པར་གྱུར་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །2 དད་པ་བྱེད་པ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། རི་མོར་བགྱིས་ཞེས་བྱ་བ་ནི་དང་བས་སོ། །ཞེས་གསུངས། ཞིབ་པར་གོང་དུ། བླ་མར་བྱེད། རི་མོར་བྱ་བ་དང་། རྗེད་པར་བྱ་བ། ཞེས་པའི་ཐད་དུ་གཟིགས།
|