9150

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་སུལ
Tibetan Definition <ད་རཱི> 1 རིའི་གཤམ་གྱི་གཤོང་བུ། རི་འདབས་ཀྱི་གཤོང་བུ། རི་འདབས་ཀྱི་ཡུལ་གཤོང་གི་མིང་། ཡང་ན། རི་གཉིས་ཀྱི་དབར་གྱི་ལུང་གཤོང་གི་མིང་ངོ་། །ཡབ་སྲས་མཇལ་བའི་མདོ་ལས། རི་སུལ་གསེབ་ཏུ་བྱེར་ནས་འཁྲ་ཞིང་གནས། །ཞེས་གསུངས་པ་ལྟར་རོ། །སློབ་སྤྲིངས་དཀའ་འགྲེལ་༼ ངེ་པ ༽༡༡༣བ༧ལས། འཁོར་བ་ན་འཁོར་བ་སྟེ་དེ་ཉིད་རིའོ། །དེའི་སུལ་ནི་དམའ་བའམ་གཞོལ་བའི་ཕྱོགས་སོ། །ཞེས་གསུངས་སོ། །སྤྱིར་སུལ་ཞེས་པ་ཤུར་དང་ཤུར་བུ་གཤོང་དང་གཤོང་བུ་བཅས་ཀྱི་དོན་ཡིན། 2 རི་སུལ་ནི་ཆུའི་འོད་པས་ཟོས་པའི་གཤོང་། ལུང་གཞིའི་འགྲེལ་པ་ལས། རི་སུལ་ནི་ཆུའི་འོད་པས་ཟོས་པས་རི་སུལ་ལོ། །ཞེས་གསུངས་སོ། །