From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གདན་གསུམ
|
| Tibetan Definition
|
(ས་སྐྱ) གཤེགས་པ་གཤེགས་མ་ཕུང་ཁམས་དག་པའི་གདན། སེམས་དཔའ་སེམས་མ་སྐྱེ་མཆེད་དག་པའི་གདན། ཁྲོ་བོ་ཁྲོ་མོ་ཡན་ལག་དག་པའི་གདན། ཞེས་འབྱུང་བ་ལྟར་རོ། །སྒྲ་བཤད་ནི། གདན་གྱི་སྐད་དོད་སི་ཐ་ཞེས་པ། གདན། གནས། རིགས་སོགས་དུ་མ་ལ་འཇུག་པ་ལས། གཤེགས་པ་གཤེགས་མའི་རིགས་ཞེས་པར་བསྒྱུར་ན་བདེའང༌། འབྲོག་མི་གསང་སྔགས་ལ་དམ་དོག་ཆེ་བས་གོ་དཀའ་བར་བྱས་པ་ཡིན་པར་གསུངས་སོ། །ཞེས་རྗེ་གུང་ཐང་པ་གསུང་ངོ༌། །ཐ་སྙད་འདི་ས་དགེ་བཀའ་གསུམ་ཀའི་གཞུང་ན་སྣང་ངོ་། །
|