9165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པ་ཆེན་པོའི་སྔགས
Tibetan Definition འོད་གསལ་གྱི་ཡེ་ཤེས་ལ་ཟེར། རིག་པ་ཆེན་པོ་དང་རིག་པོའི་སྔགས་ཞེས་པ་གཉིས་དོན་འདྲ་བར་སྣང་ངོ་། །སྒྲ་བཤད་ནི། སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ན་ཡིད་དང་ཏྲ་སོ་སོར་ཕྲལ་ན་ཏ་ར་སྐྱོབ་པ་ལ་འཇུག་པས། སྲིད་པ་ཕྲ་རགས་ཀྱི་འཇིགས་པ་མཐའ་དག་ལས་ཡིད་སྐྱོབ་བྱེད་ཀྱི་མཆོག་ཏུ་གྱུར་པ་ཤེས་རབ་དེ་ཉིད་ཡིན་པས་སོ། །ཞེས་གུང་ཐང་རིན་པོ་ཆེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ལས་གསུངས་པ་ལྟར་རོ། །