9176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་བྱེད་བཞི
Tibetan Definition ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་བཞི། ངེས་བརྗོད། (ངེས་བརྗོད་ཀྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་གི་ཚད་ངེས་པ་སྟེ། ཤེས་པ་བསྐྱེད་པའི་ཚིག་གོ) མཆོད་སྦྱིན། (མཆོད་སྦྱིན་གྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་སྦྱར་བའི་ཚད་ངེས་པར་བྱེད་པ་དག་གོ) སྙན་ཚིག (སྙན་ཚིག་གི་རིག་བྱེད་ཅེས་བྱ་བ་ནི་བརྒྱ་སྦྱིན་དང༌། ཚངས་པ་ལ་སོགས་པ་ལ་བསྟོད་པའི་ཚིག་དག་གོ) སྲིད་སྲུང་གི་རིག་བྱེད་དང་བཞིའོ། ། (སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་ནི་སྐྱེ་དགུ་སྲུང་བའི་ཐབས་སྟོན་པའོ) འདུལ་བ་གཞིའི་རྒྱ་ཆེར་བཤད་པ་ལས་གསུངས།