9212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་རུས་ཆོ་འབྲང༌
Tibetan Definition (འདུལ་བ) ཕའི་རྒྱུད་ལ་རིགས་རུས་དང༌། མའི་རྒྱུད་ལ་ཆོ་འབྲང་ཟེར། རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། (རིགས) ནི་མཁས་མཛངས་དཔའ་ཞིང་རྟུལ་ཕོད་པ་བཀའ་བཙན་ལ་དཀྱེལ་ཆེ་བ་གཞུང་བཟང་ལ་འགྲོགས་བདེ་བ་སོགས་ཡ་རབས་ཀྱི་སྤྱོད་ཚུལ་ཅི་རིགས་དང་ལྡན་པ། (རུས) ནི་རིགས་མཉམ་པའི་ཕ་དེའི་རྒྱུད་ལས་བྱུང༌། (ཆོ) ནི་ཞང་པོ་ཁུངས་དང་ལྡན་པ། (འབྲང) བ་ནི་བཤད་མ་ཐག་པ་གསུམ་པོ་དང་ལྡན་པའི་སྤྱོད་པའི་འབྲང་ས་འཛིན་པ་ཡིན་ཞེས་གསལ་ལོ། །