9217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ལྔ
Tibetan Definition 3 རྒྱ་གར་གྱི་གནའ་བོའི་རིགས་ལྔ་ནི། རྒྱལ་རིགས། བྲམ་ཟེའི་རིགས། རྗེའུ་རིགས། དམངས་རིགས། གདོལ་བའི་རིགས་དང་ལྔའོ། །དེ་ཡང་ཇི་སྐད་དུ། དཔྱ་ཁྲལ་ལ་དབང་རྒྱལ་པོའི་རིགས། །སྙན་ངག་སོགས་འཚོ་བྲམ་ཟེའི་རིགས། །ཚོང་དཔོན་ལ་སོགས་རྗེའུ་རིགས། །ཞིང་ལས་ཀྱིས་འཚོ་དམངས་རིགས་ཏེ། །སྲོག་གཅོད་ལ་སོགས་ངན་ལས་ཀྱིས། །འཚོ་བ་གདོལ་བའི་རིགས་ཡིན་ནོ། །ཞེས་ཀློང་རྡོལ་བླ་མའི་གླེགས་བམ་གཉིས་པའི་༤༢༢ན་གསལ་བ་ལྟར་རོ། །གཞན་ཡང༌། ས་ཆེན་ཆོས་བཞིན་སྐྱོང་བའི་རྒྱལ་རིགས། རིག་བྱེད་རྣམ་བཞིའི་སྒོ་བརྒྱ་འབྱེད་པའི་བྲམ་ཟེའི་རིགས། མཁོ་དགུའི་ཚོང་གཟོང་འགྲེམས་པའི་རྗེའུ་རིགས། ཕྱུགས་ཞིང་འཚོ་སྐྱོང་ལ་མཁས་པའི་དམངས་རིགས། རྣོ་ངར་མཚོན་ཆའི་བཟོ་བཀོད་དང་སྲོག་བྲལ་སྟེར་བའི་གདོལ་རིགས། ཞེས་དངུལ་ཆུའི་ཡིག་བསྐུར་རྣམ་གཞག་ལས་གསུངས།