9218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ལྔའི་དམ་ཚིག
Tibetan Definition (རྣམ་སྣང་གི་དམ་ཚིག) ཚུལ་ཁྲིམས་གསུམ་གཟུང་བ་དང༌། སྐྱབས་སུ་འགྲོ་བ་ནི་རྣམ་སྣང་གི་དམ་ཚིག (མི་བསྐྱོད་པའི་དམ་ཚིག) རྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་གཟུང་བ་ནི་མི་བསྐྱོད་པའི་དམ་ཚིག (རིན་འབྱུང་གི་དམ་ཚིག) ཟང་ཟིང༌། ཆོས། མི་འཇིགས་པ། བྱམས་པའི་སྦྱིན་པ་བཞིའམ། ཡང་ན་ནོར། ནོར་གྱི་སྙིང་པོ། ཡན་ལག ཡན་ལག་གི་སྙིང་པོ་སྟེ་སྦྱིན་པ་བཞི་ཉིན་རེ་བཞིན་དུས་དྲུག་ཏུ་སྦྱིན་པ་རིན་འབྱུང་གི་དམ་ཚིག (འོད་དཔག་མེད་ཀྱི་དམ་ཚིག) ཕྱི་དང༌། གསང་བ། ཐེག་པ་གསུམ་གྱི་ཆོས་གཟུང་བ་འོད་དཔག་མེད་ཀྱི་དམ་ཚིག (དོན་གྲུབ་ཀྱི་དམ་ཚིག) མཆོད་པའི་ལས་ལ་བརྩོན་པ་ནི་དོན་གྲུབ་ཀྱི་དམ་ཚིག་ཡིན་པ་བཅས་སོ། །ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལྟར་བཀོད།