9247

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་རྣམ་གསུམ
Tibetan Definition 2 རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་གཅིག གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་གཉིས། རྩོམ་པའི་ཚེ་ཚིག་སྦྱོར་ལ་མཁས་པ་དང་གསུམ་ལ་ཟེར། སྒྲ་བཤད་ནི། དེ་གསུམ་ལ་རིན་པོ་ཆེ་ཟེར་བའི་རྒྱུ་མཚན་ནི། དཀོན་ཞིང་རྩ་བ་ཆེ་བས་དེ་སྐད་ཅེས་བརྗོད་དོ། །རྗེའི་གསུང་«བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ»ཞེས་བྱ་བ། གསུང་ཐོར་བུ་༥༨ན༥ལས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པ། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །ཞེས་གསུངས་སོ། །