9257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་པོ་ཆེ་ལྟ་བུའི་གང་ཟག
Tibetan Definition རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་མཁས་པ། མགོ་སྨོས་པས་གོ་བའི་ཤེས་རབ་དང་ལྡན་པ། བླ་ན་མེད་པའི་ཐེག་པར་རིགས་ངེས་པ། ཐོས་དོན་གཞན་ལ་ལེགས་པར་སྟོན་པའི་ནུས་པའི་གདུལ་བྱ་མཆོག་གོ། སྒྲ་བཤད་ནི། རྙེད་པར་དཀའ་ཞིང་འདོད་པའི་འབྲས་བུ་འབྱིན་པས་རིན་པོ་ཆེ་དང་འདྲ་བས་དེ་སྐད་ཅེས་བཏགས་སོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། ཀློང་རྡོལ་བླ་མའི་སྔགས་ཀྱི་ས་ལམ་ལས། གདུལ་བྱ་རིན་ཆེན་ལྟ་བུའི་གང་ཟག་དེ། །ལས་ཉོན་དབང་གིས་ཡང་ཡང་འཁོར་བ་རུ། །སྐྱེ་བ་མི་ལེན་དེ་ནི་ཚེ་དེའམ། །སྤྱོད་པ་རྣམ་གསུམ་འབད་པས་མ་གྲུབ་པས། །ཡང་ན་བར་དོར་ལོངས་སྐུ་འགྲུབ་ངེས་ཡིན། །ཞེས་གསུངས་སོ། །