9276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་ལྔ
Tibetan Definition 2 བསྐྱེད་རིམ། སེམས་དབེན། (ལུས་དབེན་ངག་དབེན་གཉིས་སེམས་དབེན་ལ་བསྡུས་ནས་སེམས་དམིགས་ཀྱི་རིམ་པ་ཞེས་གྲངས་གཅིག་ཏུ་བརྩིས) སྒྱུ་ལུས། འོད་གསལ། ཟུང་འཇུག་དང་ལྔའོ། །འདི་སྒྲོན་གསལ། རྗེའི་སྒྲོན་གསལ་གྱི་མཆན་བུ་བཞི་སྦྲགས། རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་སོགས་མང་པོར་གསལ། དཔལ་ལྡན་ཟླ་བའི་སྒྲོན་གསལ་༡ན༤ལས། བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །འདི་ནི་སྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །