928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདིང་བ་ཚད་ལས་ལྷག་པ་བྱེད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་གྱ་བདུན་པ། གདིང་བ་ཚད་ལས་ལྷག་པ་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་གདིང་བ་རང་གི་རྒྱུ་མཚན་ཉིད་ལྡན་པ་ལ་རང་གི་དོན་དུ་རང་ངམ་གཞན་བསྐོས་པས་སོར་ཕྱེད་ཡན་ཆད་ཚད་ལས་ལྷག་པར་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉམ་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་དང་གཡན་པ་དགབ་དང་རས་ཆེན་དང་གསུམ་པོ་རང་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། འདོད་ཆེ་བའོ། །