9280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་ལྔ་ལམ་གྱི་རིམ་པར་བསྒྲིག་ཚུལ
Tibetan Definition བསྐྱེད་རིམ་ཚོགས་ལམ་ལུས་དབེན་སྦྱོར་ལམ་དྲོད། །ལུས་དབེན་ལ་ཡང་བསྐྱེད་རྫོགས་གཉིས་ཀ་ཡོད། །ངག་དབེན་རྩེ་མོ་སེམས་དབེན་བཟོད་པའོ། །ལུས་དབེན་སྐབས་སུ་གཏུམ་མོའི་རྣལ་འབྱོར་གྱིས། །ཡས་བབས་མས་བརྟན་དགའ་བཞི་འདྲེན་པའི་ལམ། །གཙོ་བོར་བསྐྱེད་པའི་ཆ་ནས་དྲོད་ཅེས་བཤད། །ངག་དབེན་སྐབས་སུ་སྟེང་གི་སྣ་རྩེའི་རླུང༌། །དབང་དུ་སྡུད་པའི་ནུས་པ་ཐོག་མ་རུ། །སྐྱེ་བར་འགྱུར་བས་སྦྱོར་ལམ་རྩེ་མོ་དང༌། །སེམས་དབེན་སྐབས་སུ་ཤིན་ཏུ་ཕྲ་བའི་སེམས། །ཀུན་རྟོག་བརྒྱད་ཅུས་བསྐྱོད་ནས་བདེ་སྡུག་གིས། །བསྐྱེད་པའི་འཁྲུལ་སྣང་བཟོད་པས་བཟོད་པ་དང༌། །འཇིག་རྟེན་པ་ཡི་ལམ་གྱི་མཆོག་གྱུར་པས། །མ་དག་སྒྱུ་ལུས་སྦྱོར་ལམ་ཆོས་མཆོག་སྟེ། །དོན་གྱི་འོད་གསལ་མཐོང་ལམ་རབ་དགའི་ས། །སློབ་པའི་ཟུང་འཇུག་སྒོམ་ལམ་ས་དགུ་དང༌། །མི་སློབ་ཟུང་འཇུག་ཀུན་ཏུ་འོད་ཀྱི་ས། །མོས་སྤྱོད་ས་དང་བཅས་པ་ས་བཅུ་གཉིས། །ཞེས་པ་ལྟར་རོ། །