9284
Jump to navigation
Jump to search
རིལ་བ་སྤྱི་བླུགས | |
Tibetan Definition | (འདུལ་བ) མཆུ་མེད་པའི་བུམ་པ་ལུང་ཐག་ཅན་བྲམ་ཟེ་རྣམས་ཀྱིས་བཀྲུ་བཤལ་བྱ་བའི་སྣོད་དུ་བེད་སྤྱོད་བྱེད་པ་དེའི་མིང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་༡༨༧བ༦ལས། རིལ་བ་དག་ཅེས་བྱ་བ་ནི་བཀྲུ་བཤལ་བྱ་བའི་སྣོད་དོ། །ཞེས་གསུངས་སོ། །གནས་མཆོག་རྡོ་རྗེ་གདན་སོགས་སུ་མཇལ་རྒྱུ་ཡོད་པའི་རྡོ་སྐུའི་སྤྱན་རས་གཟིགས་ཕྱག་བཞི་པ་བཞེངས་སྟབས་སུ་ཡོད་པ་དེའི་མདུན་གྱི་ཕྱག་གཉིས་པར་ཐོགས་པའི་བུམ་པ་དེའི་མིང་ཡིན་ནོ། །ད་དུང་དཔྱད་དོ། ། |
---|