9287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིས་མཐུན་པ
Tibetan Definition སྲོག་གམ་སྲོག་གི་དབང་པོའི་མིང་། འདུལ་བ་ལུང་གཞི་༼ ཀ ༽༩༥བ༥ལས། བུ་ཇི་སྲིད་དུ་རིས་མཐུན་པ་ཡོད་ཀྱི་བར་དུའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རིས་མཐུན་པ་ཞེས་བྱ་བ་ནི་སྐྱེ་བའོ། །ཞེས་སྐྱེ་བའི་མིང་དུ་གསུངས་སོ། །