9297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུང་མིན་གྱི་གཞི་བཅུ
Tibetan Definition (འདུལ་བ) ༡ ཧུ་ལུ་ཧུ་ལུ་བརྗོད་པས་ལྟུང་བ་འདག་པ། ༢ རྗེས་སུ་ཡི་རངས་བྱེད་པས་ལྟུང་བ་འདག་པ། ༣ དགེ་སློང་གིས་ས་བརྐོས་ཀྱང་ཉེས་པ་མེད་པ། ༤ དགེ་སློང་གིས་ཆུང་འཐུང་བ་ལ་ཉེས་པ་མེད་པ། ༥ ལན་ཚ་དང་ལྷན་ཅིག་ཏུ་ཕྱི་དྲོའི་ཁ་ཟས་བཟོས་པ་ལ་ཉེས་པ་མེད་པ། ༦ ཡང་ཡང་ཟ་བ་ལ་རྒྱང་གྲགས་ཕྱིན་པས་ཆོག་པ། ༧ སྤངས་པ་ཟ་བ་ལ་ལྷག་པོར་མི་དགོས་པར་སོར་མོ་གཉིས་ཀྱིས་རི་མོ་གཏོད་པས་ཆོག་པ། ༨ ཕྱི་དྲོ་ཞོ་དང་འོ་མ་དཀྲུགས་ནས་བཏུངས་པ་ལ་ཉེས་པ་མེད་པ། ༩ གདིང་བ་གསར་པ་ལ་རྙིང་པ་ནས་མཐོ་གང་གླན་མི་དགོས་པ། ༡༠ བསྙེན་པར་མ་རྫོགས་པའི་མགོ་ཐོག་ཏུ་ཁྲིའུ་བཞག་དེའི་སྟེང་དུ་ལྷུང་བཟེད་བཞག་དེའི་ནང་དུ་གསེར་ལ་སོགས་པའི་རིན་ཆེན་བཞག་ནས་བླངས་པ་ལ་རིན་པོ་ཆེ་ལ་རེག་པའི་ལྟུང་བ་མི་འབྱུང་བར་འདོད་པ་དང་བཅུའོ། །འདུལ་བ་ལག་ལེན་མི་རུང་བའི་གཞི་བཅུ་པོ་འདི་བསལ་ནས་བསྟན་པ་རྣམ་དག་ཏུ་བསྒྲུབ་པའི་ཆེད་དུ། བཀའ་བསྡུ་གཉིས་པ་མཛད་པ་ཡིན་ནོ། །རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་ལ་གཞི་བྱས་ཏེ་བཀོད། རྨ་སྡོམ་ལས། ཧུ་ལུ་ཡིད་རངས་ས་རྐོ་ཆང་དང་ཚ། །ལམ་དང་སོར་གཉིས་དཀྲུགས་དང་གདིང་བ་གསེར། །རུང་མིན་གཞི་བཅུ་སུན་ཕྱུང་གསོ་སྦྱོང་མཛད། །ཅེས་འབྱུང་།