From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀཱ་མ་རཱུ་པ
|
Tibetan Definition
|
(ལེགས་སྦྱར) गुवाहाटी Guwahati གྷོ་ཧ་ཊི་དང་ཐག་མི་རིང་བའི་སར་ཡོད་པའི་མ་ཧཱ་མུ་ནི་བྱ་བ་དེ་ཡིན་པར་བཤད་དེ། དགེ་ཆོས་རྒྱ་གར་གནས་ཡིག་ལས། པརྦ་ཏི་པཱུར་ནས་གྷོ་ཧ་ཊི་བར་རི་ལི་དང་དེ་ནས་མེ་ལི་བཅུ་བདུན་སོང་ན་ཤར་རྩ་མཆོག་གྲོང་མ་ཧཱ་མུ་ནི་ཡོད། དེ་ནི་གནས་ཆེན་ཉེར་བཞིའི་ཡ་གྱལ་གྱི་ཀཱ་མ་ར་རཱུ་པ་ཡིན་འདུག་ཅིང༌། སྔོན་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བའི་གནས་ཡིན་ཞེས་གསལ། ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཀྱེ་རྡོར་གྱི་འགྲེལ་པ་ལས། འདོད་པའི་གཟུགས་ཏེ་གཉལ་གྱི་ལྷོ་ཐད་རྒྱ་གར་ཤར་ཕྱོགས་ཆུ་བོ་ལོ་ཧི་ཏ་དཀྱིལ་ན་འབབ་པའི་ས་ཕྱོགས་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པའི་ཕྱོགས་ཤིག་ན་སྒྲུབ་གནས་རྡོའི་ལིང་ག་མཆན་ཁུང་ལྟ་བུས་མཚན་པའི་ཆོས་འབྱུང་མི་གང་ཙམ་གྱིས་མཐོ་བ་ཡོད་པ་ལ་བཞེད་ཅེས་གསལ།
|