9303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུས་པ་ཐོགས་ནས་གཙུག་ལག་ཁང་དུ་འགྲོ་བའི་ཉེས་དམིགས
Tibetan Definition གཙུག་ལག་ཁང་དུ་ཤ་བཟའ་རྒྱུ་ཕར་ཞོག་རུས་པ་ལག་ཏུ་ཐོགས་ནས་གཙུག་ལག་ཁང་དུ་མཆོད་མཇལ་ལ་སོང་ནའང་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་ཏེ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ཞེས་བྱ་བ་སྡེ་དགེ་བཀའ་འགྱུར་མདོ་སྡེའི་༼ ཨཿ ༽༢༠༡བ༣ལས། རུས་པ་དག་ཐོགས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན་བྱ་མཆུ་རིངས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་ལྷམ་གྱོན་ནས་གཙུག་ལག་ཁང་དུ་སོང་ན་སྦལ་པར་སྐྱེ་བར་མདོ་དེ་ཉིད་ལས་གསུངས་སོ། །