9316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རེ་ཞིག
Tibetan Definition 5 དང་པོར་རམ། ཐོག་མར་ལྟ་བུའི་དུས་ཀྱི་རིམ་པ་སྟོན་པའི་ཚིག་ཅིག དཔེར་ན་འགྲེལ་པ་དོན་གསལ་ལས། དེ་ཐོས་ནས་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དང་བ་སྐྱེའོ། །ཞེས་པའི་ཐད་ཀྱི་ལེགས་བཤད་གསེར་ཕྲེང་ལས། རེ་ཞིག་ནི་རིམ་པ་སྟོན་པའོ། །ཞེས་དང་། རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལས། རེ་ཞིག་ནི་སྔོན་ལ་འདི་བྱ་ལ། དེ་ནས་འདི་བྱའོ་ཞེས་རིམ་པ་སྟོན་པའོ། །ཞེས་གསུངས་པ་ལྟར་རོ། །