9335

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རེག་མཐོང་གི་མཚན་མ་བརྟན་པོ
Tibetan Definition (གསང་སྔགས) ལྷ་བསྒོམ་པའི་ཚེ་ཡིད་ངོར་མིག་གིས་མངོན་སུམ་དུ་མཐོང་བ་ལས་ཀྱང་ཆེས་གསལ་བའི་གསལ་སྣང་བརྟན་པོ་ཐོབ་པ་ལ་མཐོང་བའི་མཚན་མ་བརྟན་པོ་དང་། ལག་པས་རེག་ཀྱང་རེག་ཏུ་ཡོད་པ་ལྟ་བུའི་བསྒོམས་རྟགས་གསལ་པོ་ཐོབ་པ་ལ་རེག་པའི་མཚན་མ་བརྟན་པོ་ཞེས་བྱའོ། །ང་རྒྱལ་དང་གསལ་སྣང་ཧ་ཅང་བརྟན་པ་འགའ་ལ་ཐོགས་རེག་གི་མྱོང་བ་དངོས་སུ་བྱུང་བའང་ཡོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་བློ་ཤིན་ཏུ་རྟུལ་བ་ (ཕྱིས་སུ་གྲུབ་ཐོབ་ཤིང་ཁ་བ་ཞེས་གྲགས་པ་དེ་ཡིན) ཞིག་ལ། སློབ་དཔོན་གྱིས་ཀྱལ་ཀའི་ཚུལ་དུ་མགོ་ལ་རྭ་སྐྱེས་པར་སྒོམས་ཤིག་ཅེས་གསུངས་པས་དེས་ཀྱང་བསྒོམས་ཏེ། རེག་མཐོང་གི་མཚན་མ་གྲུབ་ནས་རང་སྡོད་པའི་ཕུག་པ་ལ་རྭ་ཐོགས་པའི་ལོ་རྒྱུས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༩༥ན་འབྱུང་བ་ལྟར་རོ། །