9357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་གཅིག་གི་རྣལ་འབྱོར
Tibetan Definition (བཀའ་བརྒྱུད) ཕྱག་ཆེན་གྱི་རྣལ་འབྱོར་བཞིའི་ནང་གསེས། འཁོར་འདས་དང་བདེ་སྡུག་སོགས་གཉིས་ཆོས་དུ་མ་ཡང་དབྱེར་མེད་ཟུང་འཇུག་གི་ངོ་བོར་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར། སྒྲ་བཤད་ཀྱང་དེས་ཤེས་སོ། །དེ་ལ་ཆུང་འབྲིང་ཆེ་གསུམ་ཡོད། འདི་དང་རྣལ་འབྱོར་བཞིའི་གཉིས་པ་སྤྲོས་བྲལ་གྱི་རྣལ་འབྱོར་གཉིས་ཀྱི་ཁྱད་པར་ནི། སྤྲོས་བྲལ་གྱི་སྐབས་སྟོང་ཕྱོགས་ལ་བདེ་ཞིང་སྣང་ཕྱོགས་ལ་མི་བདེ་བ་ཡོད་ལ། འདིའི་སྐབས་སུ་སྣང་སྟོང་གཉིས་ཀར་མི་བདེ་བ་མེད་པར་དེ་གཉིས་དབྱེར་མེད་ཟུང་འཇུག་གི་ངོ་བོར་རོ་གཅིག་ཏུ་རྟོགས་པས་ཁྱད་པར་ཡོད་དོ། །