9360

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་གཅིག་པ
Tibetan Definition 2 ཕན་བདེའི་རོ༵་ལ་རྩེ་གཅི༵ག་ཏུ་གཞོལ་བ་ཞེས་པའི་ཚིག་སྣ་བསྡུས་པའོ། །སློབ་དཔོན་དཔའ་བོའི་ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་ (ཕན་བདེའི་རོ༵་ལ་རྩེ་གཅི༵ག་ཏུའམ་མཐའ་གཅིག་ཏུ་གཞོལ་བའི) རང་བཞིན་དེ་དག་འཇུག །ཅེས་གསུངས་པ་ལྟར་རོ། །ཚིག་རྐང་ཐ་མའི་རོ་གཅིག་གི་འགྲེལ་བཤད་དེའི་ཁུངས་ནི། སློབ་སྤྲིང་ལས། དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་གསུངས་པ་དེ་ཡིན་ནོ། །