9362

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་བརྒྱ་དང་བརྒྱད
Tibetan Definition རོ་མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བ་སྟེ་རྩ་བའི་རོ་དྲུག དེ་རེ་རེ་ལའང་མངར་བའི་མངར་བ་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག དེ་རེ་རེ་ལའང་དམན་པ་དང་འབྲིང་དང་མཆོག་གསུམ་གསུམ་དུ་ཕྱེ་བས་རོ་བརྒྱ་དང་བརྒྱད་ཡོད་པར་བཤད་དོ། །ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བླ་མཆོད་ཁྲིད་ཡིག་༦༩མདུན་ཕྲེང་༦ལས་གསུངས། དངུལ་ཆུའི་གསུང་ཟིན་བྲིས་ལས་ཀྱང་། རོ་བརྒྱ་རྩ་བརྒྱད་ནི། རོ་མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚ་བ་སྟེ་རྩ་བའི་རོ་དྲུག་དང༌། དེ་རེ་རེ་ལ་མངར་བའི་མངར་བ། མངར་བའི་སྐྱུར་བ། མངར་བའི་བསྐ་བ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་ལན་ཚ་བ་དང༌། དེ་བཞིན་དུ་སྐྱུར་བའི་སྐྱུར་བ། སྐྱུར་བའི་མངར་བ་སོགས་དྲུག་དྲུག་ཏུ་དབྱེ་བས་བརྒྱ་རྩ་བརྒྱད་དོ། །ཞེས་གསུངས་སོ། །དངུལ་ཆུའི་གསུང་འདི་ལ་སྐྱོན་འདུག་གོ།