9363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་མ
Tibetan Definition <ར་ས་ནཱ> 1 རྩ་རོ་མ་དང་འདྲ། རོ་མ་ཞེས་པ་རོ་བཅུད་དང་ལྡན་མ་ཞེས་པའི་དོན་ཡིན། (རོ་བཅུད་དང་ལྡན་པ་ཞེས་པ་དང་དོན་གཅིག) མ་ནི་འདིར་བུད་མེད་ཀྱི་སྒྲ་སྦྱར་བའོ། །རོ་མའི་སྐད་དོད་ “ར་ས་ནཱ” ཞེས་པ། རོ་མ་དང་། རོ་མྱོང་དང་། ལྕེའི་མིང་དང་། འོག་པག་སྟེ་སྐེད་རྒྱན་ཁྲིས་མ་གཅིག་པ་ནས་བརྒྱ་དང་བཅུ་དྲུག་པ་དང་ཉེར་དྲུག་པ་དང་ཉེར་ལྔ་པ་རྣམས། ཞེས་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ། ཡང་། ཤིང་ “བརྒྱ་འབིགས” ཀྱི་འགྲེལ་བཤད་བྱེད་པའི་ཐད་ཀྱི་མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཨེ་ལའི་འདབ་མ་ལེགས་བབ་མ། ། “རོ་བཅུད་ལྡན་མ” “ར་ས་ནཱ” ། །སྟོང་འབིགས་དང་ནི་ཙུ་ཀྲ་དང་། །སྒྱུར་མོ་དང་ནི་བརྒྱ་འབིགས་སོ། །ཞེས་གསུངས། 2 སྙིགས་མའི་དོན་ཡིན་པར། བསྟན་དར་ལྷ་རམས་པ་གསུང་།