9365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོ་མྱགས
Tibetan Definition 2 སྐྱག་པ། སྐྱག་པ་ལ་རོ་མྱགས་ཞེས་བརྗོད་པའི་རྒྱུ་མཚན་ནི། རོ་ལྟར་དྲི་ངན་བྲོ་བས་ན་རོ་མྱགས་ཞེས་བྱའོ། །རོ་མྱགས་ཞེས་པ་རྐྱག་པའི་དོན་ཡིན་ཏེ། མཛོད་རང་འགྲེལ་ལས། རོ་མྱགས་རྐྱག་པའི་འདམ་རྫབ་གང་དུ་འབུ་མཆུ་རྣོན་ཞེས་བྱ་བ་ལུས་ཐམས་ཅད་དཀར་ཞིང་མགོ་གནག་ལ་མཆུ་སྨྱུང་བའི་སྲོག་ཆགས་དག་གནས་ཤིང་དེ་དག་གིས་སེམས་ཅན་དེ་དག་གི་རུས་པའི་བར་དུ་འབིགས་པར་བྱེད་པ་དང༌། ཞེས་དང་། རྗེའི་ལམ་རིམ་ཆེན་མོའི་ལས། རོ་མྱགས་ཀྱི་འདམ་མམ་ཕྱི་སའི་འདམ་རོ་ལྟར་མནམ་པ། ཞེས་གསུངས་སོ། །